版权说明:本文档由用户提供并上传,收益归属内容提供方,若内容存在侵权,请进行举报或认领
文档简介
ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞིའི་སློབ་གསོའི་སློབ་དེབ།ངས་ང་འདེམ་རྒྱུ་ཡིན།བློ་གཅིག་སེམས་གཅིག་གིས་སློབ་ཁྲིད་ལ་ཉན་པར་བཀའ་དྲིན་ཆེ།སློབ་ཚན་དགུ་བ།
སློབ་ཚན་ཀློག་འདོན་བྱེད་པ།
ཚེ་རིང་ནི་ང་ཚོའི་འཛིན་གྲྭའི་ངལ་རྩོལ་ཨུ་ཡོན་ཡིན།ཉིན་འགའི་སྔོན་ལ།ཁོ་ས་ཆ་གཞན་གྱི་སློབ་གྲྭའི་ནང་དུ་བུད་སོང་།དེ་རིང་འཛིན་གྲྭའི་ནང་དུ་ཚོགས་འདུ་ཚོགས་ཏེ།དགེ་རྒན་གྱིས་ང་ལ་ངལ་རྩོལ་ཨུ་ཡོན་ཞིག་འདེམ་དགོས་ཟེར།སུ་ཞིག་འདེམ་མམ།ཚང་མས་བསམ་བློ་གཏོང་གིན་ཡོད་ལ།སློབ་ཁང་ནང་དུ་དལ་ཅག་གེར་འདུགགློ་བུར་དུ།སྐལ་བཟང་ཡར་ལངས་ཏེ།༼ངས་ང་འདེམ་རྒྱུ་ཡིན་༽ཟེར།དེ་ཐོས་ནས་ཚང་མ་ཧ་ལས་སོང་།དགེ་རྒན་གྱིས་བྱམས་བརྩེའི་ངང་ནས།༼སྐལ་བཟང་།ཁྱོད་ཀྱིས་རང་ཉིད་འདེམ་པའི་རྒྱུ་མཚན་ཅི་ཡིན་ཚང་མར་ཤོད་དང་།༽ཞེས་བཤད།སྐལ་བཟང་གིས་༼ང་དང་ཚེ་རིང་ནི་གྲོགས་པོ་ཡིན།ཁོ་ངལ་རྩོལ་ལ་དགའ་ཞིང་།ཐུན་མོང་ལ་དགའ།ངས་ཁོ་ལ་སློབ་སྦྱོང་བྱས་ནས་ངལ་རྩོལ་ལ་དགའ་བ་དང་།ཐུན་མོང་ལ་སེམས་ཁུར་བྱེད་པའི་མི་ཞིག་བྱེད་རྒྱུ་ཡིན།༽ཞེས་བཤད།སྐལ་བཟང་གིས་བཤད་ནས་ཚར་མ་ཐག་ཏུ་སློབ་ཁང་ནང་དུ་ཐལ་མོ་རྡེབ་སྒྲས་ཁེངས་སོང་།ཐ་སྙད་འགྲེལ་བ།ངལ་རྩོལ།→དངོས་རྫས་དང་བསམ་པའི་རྒྱུ་ནོར་སྐྲུན་པའི་རྩོལ་བའི་མིང་།ཚོགས་འདུ།→མི་མང་པོ་ལྷན་དུ་འདུས་ནས་དོན་བྱ་ལ་གྲོས་བསྡུར་བྱེད་པའི་ལས་ཀའི་མིང་།བསམ་བློ།→དཔྱད་པ་གཏོང་བའི་འདུ་ཤེས་ཀྱི་མིང་།ཧ་ལས།→ཡ་མཚན་ཧ་ཅང་ཆེན་པོ་སྐྱེས་པའི་དོན།ཐུན་མོང་།→སྒེར་གྱི་ལྡོག་ཟླ།སློབ་ཚན་གྱི་ནང་དོན་བཤད་པ།
ཚེ་རིང་ནི་ང་ཚོའི་འཛིན་གྲྭའི་ངལ་རྩོལ་ཨུ་ཡོན་ཡིན།ཉིན་འགའི་སྔོན་ལ།ཁོ་ས་ཆ་གཞན་གྱི་སློབ་གྲྭའི་ནང་དུ་བུད་སོང་།དེ་རིང་འཛིན་གྲྭའི་ནང་དུ་ཚོགས་འདུ་ཚོགས་ཏེ།དགེ་རྒན་གྱིས་ང་ལ་ངལ་རྩོལ་ཨུ་ཡོན་ཞིག་འདེམ་དགོས་ཟེར།སུ་ཞིག་འདེམ་མམ།ཚང་མས་བསམ་བློ་གཏོང་གིན་ཡོད་ལ།སློབ་ཁང་ནང་དུ་དལ་ཅག་གེར་འདུགགློ་བུར་དུ།སྐལ་བཟང་ཡར་ལངས་ཏེ།༼ངས་ང་འདེམ་རྒྱུ་ཡིན་༽ཟེར།རང་གྲུབ་ཚན་པ་དང་བོ།ངས་ང་འདེམ་རྒྱུ་ཡིན་སློབ་ཚན་གྱི་ནང་དོན་བཤད་པ།
དེ་ཐོས་ནས་ཚང་མ་ཧ་ལ་སོང་།དགེ་རྒན་གྱིས་བྱམས་བརྩེའི་ངང་ནས།༼སྐལ་བཟང་།ཁྱོད་ཀྱིས་རང་ཉིད་འདེམ་པའི་རྒྱུ་མཚན་ཅི་ཡིན་ཚང་མར་ཤོད་དང་།༽ཞེས་བཤད།སྐལ་བཟང་གིས་༼ང་དང་ཚེ་རིང་ནི་གྲོགས་པོ་ཡིན།ཁོ་ངལ་རྩོལ་ལ་དགའ་ཞིང་།ཐུན་མོང་ལ་དགའ།ངས་ཁོ་ལ་སློབ་སྦྱོང་བྱས་ནས་ངལ་རྩོལ་ལ་དགའ་བ་དང་།ཐུན་མོང་ལ་སེམས་ཁུར་བྱེད་པའི་མི་ཞིག་བྱེད་རྒྱུ་ཡིན།༽ཞེས་བཤད།སྐལ་བཟང་གིས་བཤད་ནས་ཚར་མ་ཐག་ཏུ་སློབ་ཁང་ནང་དུ་ཐལ་མོ་རྡེབ་སྒྲས་ཁེངས་སོང་།རང་གྲུབ་ཚན་པ་གཉིས་པ།སྐལ་བཟང་།ཁྱོད་ཀྱིས་རང་ཉིད་འདེམ་པའི་རྒྱུ་མཚན་ཅི་ཡིན་ཚང་མར་ཤོད་དང་།ང་དང་ཚེ་རིང་ནི་གྲོགས་པོ་ཡིན།ཁོ་ངལ་རྩོལ་ལ་དགའ་ཞིང་།ཐུན་མོང་ལ་དགའ།ངས་ཁོ་ལ་སློབ་སྦྱོང་བྱས་ནས་ངལ་རྩོལ་ལ་དགའ་བ་དང་།ཐུན་མོང་ལ་སེམས་ཁུར་བྱེད་པའི་མི་ཞིག་བྱེད་རྒྱུ་ཡིན།སློབ་ཚན་གྱི་བརྗོད་བྱ་དང་བསྟན་དོན།
སློབ་ཚན་འདིར་འཛིན་གྲྭའི་ངལ་རྩོལ་ཨུ་ཡོན་ཚེ་རིང་སློབ་གྲྭ་གཞན་དུ་སོང་རྗེས།འཛིན་གྲྭའི་ངལ་རྩོལ་ཨུ་ཡོན་གསར་བ་འདེམས་པའི་གནས་ཚུལ་བརྗོད་ཡོད་ལ།ང་ཚོས་སློབ་གྲོགས་སྐལ་བཟང་གི་རང་ལ་ཡིད་ཆེས་བརྟན་པོ་ཡོད་པ་དང་སློབ་གྲོགས་ཀྱི་སྤྱོད་བཟང་ལ་སློབ་སྦྱོང་བྱེད་ཤེས་པ།ཐུན་མོང་ལ་ཤ་ཚ་བའི་བསམ་བློ་ལ་སློབ་སྦྱོང་བྱེད་དགོས།དྲི་བ་དང་བསམ་ཚུལ་བརྗོད་པ།
སློབ་ཚན་བཀླགས་ནས་སྐལ་བཟང་གིས་བཤད་ཚར་མ་ཐག་ཏུ་སློབ་ཁང་ནང་དུ་ཐལ་མོ་རྡེབ་སྒྲས་ཁེངས་པའི་རྒྱུ་མཚན་ཅི་ཡིན།
སློབ་གྲོགས་སྐལ་བཟང་གི་སྐད་ཆ་དེས་ལྷག་བསམ་རྣམ་དག་སྒོས་སློབ་གྲོགས་ལ་ཞབས་འདེགས་ཞུ་བའི་སེམས་མཚོན་ཡོད་པས།སློབ་གྲོགས་རྣམས་ཀྱིས་ཁོ་ལ་བརྩི་བཀུར་ཐོབ་པ་རེད།རང་རང་གི་བསམ་ཚུལ་བཤད་དགོས།རྒྱུན་སྤྱོད་ཚིག་ཕྲེངཧ་ལས་པ།
ཐལ་མོ་རྡེབ།
གློ་བུར་དུ།དལ་ཅག་གེཚོགས་འདུ་ཚོགས།བསམ་བློ་གཏོང་།ཉེ་ཚིགངལ་རྩོལ།→ཕྱག་ལས།ཐུན་མོང་།→སྤྱི།སེམས་ཁུར།→ཐུགས་ཁུར།བསམ་བློ་གཏོང་།→བསམ་གཞིག་བྱེད།ལྡོག་ཟླ།ཐུན་མོང་།→སྒེར།དགའ།→སྐྱོ།དལ་ཅག
温馨提示
- 1. 本站所有资源如无特殊说明,都需要本地电脑安装OFFICE2007和PDF阅读器。图纸软件为CAD,CAXA,PROE,UG,SolidWorks等.压缩文件请下载最新的WinRAR软件解压。
- 2. 本站的文档不包含任何第三方提供的附件图纸等,如果需要附件,请联系上传者。文件的所有权益归上传用户所有。
- 3. 本站RAR压缩包中若带图纸,网页内容里面会有图纸预览,若没有图纸预览就没有图纸。
- 4. 未经权益所有人同意不得将文件中的内容挪作商业或盈利用途。
- 5. 人人文库网仅提供信息存储空间,仅对用户上传内容的表现方式做保护处理,对用户上传分享的文档内容本身不做任何修改或编辑,并不能对任何下载内容负责。
- 6. 下载文件中如有侵权或不适当内容,请与我们联系,我们立即纠正。
- 7. 本站不保证下载资源的准确性、安全性和完整性, 同时也不承担用户因使用这些下载资源对自己和他人造成任何形式的伤害或损失。
最新文档
- 制造业项目风险管理方案
- 橡胶沥青行业影响因素
- 食品工业园建设项目风险管理分析报告
- 2024届山东省滨州市部分学校高三下学期模拟预测历史试题
- (新人教版)七年级地理下册第八章第一节:中东
- (华师大)2.5有理数的大小比较分析
- 云南省曲靖市陆良县第八中学2024届高一下数学期末质量检测模拟试题含解析
- 云南省楚雄彝族自治州大姚第一中学2024届高一数学第二学期期末联考试题含解析
- 电子元器件制造行业技术趋势分析报告
- 2023-2024学年云南省蒙自一中数学高一下期末经典模拟试题含解析
- 泰国投资指导手册
- 差旅费制度财务培训
- 安全生产检查咨询服务项目服务质量保障方案
- 学生安全员培训资料
- 新型厂房设计方案
- 多系统萎缩-教学查房
- 2023年江苏省淮安市中考历史真题含解析
- 实验室新风系统应急预案
- 幼儿园小班音乐《袋鼠妈妈》
- 全球18650三元圆柱电池市场发展现状和未来五年前景分析
- 2024年新华社招聘笔试参考题库附带答案详解
评论
0/150
提交评论